བློ་གྲོས། ཤེས་རབ།

བློ་གྲོས་དང་། ཤེས་རབ། ཁྱབ་ཆ་ཁྱད་པར་ཡོད་དམ།

ཐ་སྙད་དེ་གཉིས་བར་དུ་བེད་སྤྱོད་གཏོང་སྟངས་ཁྱད་པར་གང་ཡོད་དམ།

སྟོང་ཉིད་རྟོག་པའི་ནུས་པ་བློ་གྲོས་སམ་ཤེས་རབ་གང་རུང་ལ་ཟེར་ན་འགྲིག་གམ།

1 Like

བློ་གྲོས་ལབ་ན་རིག་རྩལ་དང་ཤེས་རབ་ཚང་མ་ལ་གོ་གི་རེད། ཤེས་རབ་ལབ་ན་ཡུལ་དེ་དང་དེ་ལ་རང་སྟོབས་ཀྱིས་དཔྱོད་པ་བྱེད་ནུས་པའི་སེམས་བྱུང་ཞིག་ལ་ཟེར་གྱི་ཡོད། སྒྲ་ཡངས་པའི་དབང་དུ་བྱས་ན་དེ་གཉིས་གོ་དོན་གཅིག་རེད་ལབ་ནའང་འགྲིག་གི་རེད་སྙམ།