སོ་སོར

“ཞི་གནས་ཀྱི་ངང་ནས་སྟོང་པ་ཉིད་དང་བདག་མེད་པའི་དོན་ལ། སོ་སོར་ དཔྱོད་པའི་ཤེས་རབ་ དེ་འདྲ་ཞིག་ལ་ལྷག་མཐོང་ཟེར་གྱི་ཡོད་པ་རེད།”

“ཞི་གནས་ལྷག་པ་ཅན་ཡོད་པ། ཞི་གནས་ཁྱད་པར་བ་ཡོད་པའི་ངང་ནས་རང་གི་དམིགས་ཡུལ་དེ་ལ་སོ་སོར་དཔྱོད་པའི་ཤེས་རབ་དེ་ཡོད་པ་ཡིན་ན།་་་་”

བརྗོད་པ་དེ་གཉིས་ནང་གི་“སོ་སོར་ ”དོན་དག་གང་ཡིན་ནམ།

1 Like

སོ་སོར་ལབ་ན། ཆོས་གང་ཡིན་ཡང་རང་རང་གི་ངོ་བོར་དང་། རང་རང་གི་གནས་ལུགས་མ་འདྲ་བ་སོ་སོ་ལ་དཔྱོད་པ་ཟེར་བ་ལྟ་བུ་དང་། རང་རང་སོ་སོར། མི་སོ་སོར། དོན་སོ་སོར། གནས་ཚུལ་སོ་སོར། རྒྱལ་ཁབ་སོ་སོར་ཟེར་བ་ལྟ་བུ་མི་འདྲ་བ་ལ་གོ།