ཏིང་ངེ་འཛིན།

བརྙན་དང་དབུགས་སོགས་ལ་མ་བརྟེན་ནས་དམིགས་པ་མེད་པའི་ཞི་གནས་སྒོམ་པ་ནི།

ཡར་ཐོན་གྱི་ཞི་གནས་ལ་གོ་དགོས་སམ། ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་གོ་དགོས་སམ།

1 Like

བརྙན་དང་དབུགས་སོགས་ལ་མ་བརྟེན་ནས་དམིགས་པ་མེད་པའི་ཞི་གནས་སྒོམ་པ་ནི། འདི་ནི་ཏིང་ངེ་འཛིན་གྱི་དམིགས་པའི་ཁྱད་པ་ལས། ཞི་ལྷག་ཟུང་འབྲེལ་གོ་དགོས་ཀྱི་མེད། དམིགས་པ་དེ་ཡང་། སྐུ་འདྲ་དང་། ང་རང་ཚོའི་དབུགས་ཀྱི་རྒྱུ་བ་སོགས་མ་ཡིན་པར་ཡུལ་སྟོང་ཉིད་དམིགས་པ་བསྟན་གྱི་ཡོད། དམིགས་པ་མེད་པ། ཡང་ན་སྟོང་ཉིད་ལ་དམིགས་པའི་ཞི་གནས་སྒོམ་པ་ཟེར་བ་ལས། ཞི་ལྷག་ཟུང་འབྲེལ་གོ་མི་དགོས།