ལུས་ཀྱི་མི་དགེ་བ་གསུམ།

༡.སྲོག་གཅོད་པ།
རྩེད་མོ་རྩེ་པའི་སྐབས་སུ། མི་ཡང་ན་སེམས་ཅན་ལ་གསོད་པ་ཡིན་ན། དེ་ལ་སྲོག་གཅོད་པ་རེད་པས།
ཡང་ན་དེ་ལ་གནོད་སེམས་གཅིག་པོ་ཟེར་གི་རེད།

༣.མ་བྱིན་པར་ལེན་པ།
ཕ་མ་ཡིས་ཕྲུ་གུའི་དངོས་པོ་འཁྱེར་པ་ཡིན་ན། འདི་ཡང་མ་བྱིན་པར་ལེན་པ་ཟེར་གི་འདུག་གས།

༣.ལོག་གཡེམ་
བུ་དང་བུ་མོ་གཉིས་ལ་བཟའ་ཟླ་མ་རེད།
ཡིན་ན་ཡང་ཁོ་ཚོ་ཡང་བཟའ་ཟླ་ཡོད་མ་རེད།
དེ་འདྲི་ཡིན་ན། ཁོང་ཚོས་འདོད་པ་སྤྱོད་པ་བྱེད་ན། འདི་ཡང་ལོག་གཡེམ་ཟེར་གི་འདུག་གས།

དེ་ནས་སྔོན་མ་ང་ཡང་ཆང་འཐུང་ཆོག་མི་འདུག གཞས་གཏོང་ཆོག་མི་འདུག
དེ་འདྲ་ཚུལ་ཁྲིམས་གོ་མྱོང་ཡོད།
ཡིན་ན་ཡང་སློབ་ཚོན་ནང་གི་ཚུལ་ཁྲིམས་བཅུ་ནང་དུ་་ཡོད་མ་རེད།

དེའི་སྐོར་ལ་དུས་ཚོད་ཡོད་ན།
རྒན་ལགས་ཀྱིས་འགྲེལ་བཤད་ཏོག་ཙམ་གནང་རོགས་གནང་།
ཐུགས་རྗེ་ཆེ་གནང་།

1 Like

རྩེད་མོ་སོགས་གང་གི་སྐབས་སུ་ཡིན་ན་ཡང་། མི་དང་དུད་འགྲོ་སོགས་སྲོག་ཆགས་ག་འདྲ་ཞིག་གསོད་པ་ཡིན་ན་སྲོག་བཅོད་པ་རེད། ཡིན་ཡང་གསོད་འདོད་ཀྱི་ཀུན་སློང་མེད་པ་ཡིན་ན། བྱས་ལས་མ་བསགས་པ་ཟེར་ནས་ཉེས་པ་ཆུང་བ་ཞིག་ལ་ངོས་འཛིན་བྱས་ན་འགྲིག །
རང་དང་ནོར་རྫས་ཐ་དད་པའི་མིའི་དངོས་པོ་གང་ཞིག་རྐུ་སེམས་ཀྱིས་ཁྱེར་པ་ཡིན་ན་མ་བྱིན་པ་ལེན་པ་ཡིན། རྐུ་སེམས་མེད་ན་མ་བྱིན་པ་ལེན་པ་ལ་མི་འགྲོ། རང་དང་རྒྱུ་ནོར་གཅིག་པ་ཡིན་ཡང་མ་བྱིན་པ་ལེན་པ་མིན། འོན་ཀྱང་སུའི་དངོས་པོ་རང་གིས་འཁྱེར་ན་མི་དེས་ཤེས་པ་བྱེད་ན་ཡག།

གཞན་གྱི་གཟའ་ཟླ་མིན་པའི་སྐྱེ་པ་དང་བུད་མེད་སུ་ཞིག་མཉམ་དུ་འདོད་པ་སྤྱོད་པ་ཡིན་ན་ཡོངས་གྲགས་ཀྱི་ལོག་གཡེམ་མིན།