བརྩོན་འགྲུས་རྩོམ་པ།

ཚུལ་ཁྲིམས་བསྲུང་བ་རྒྱལ་སྲས་ལག་ལེན་ཡིན།།
བཟོད་པ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།།
བརྩོན་འགྲུས་རྩོམ་པ་རྒྱལ་སྲས་ལག་ལེན་ཡིན།།

“རྩོམ་པ་”མ་གཏོགས་ “བརྩོན་འགྲུས་”བྱ་ཚིག་གཞན་པ་དང་སྦྱོར་ཐུབ་པ་ཡོད་དམ།

འདིར་ “རྩོམ་པ་”བེད་སྤྱོད་གཏོང་སྟངས་བྱ་བ་གཞན་པ་དང་སྦྱོར་ཐུབ་པ་གང་ཡོད་དམ།

1 Like

བརྩོན་འགྲུས་རྩོམ་པ་ཟེར་ནས་སྤྱི་བཏང་ཕར་ཕྱིན་དྲུག་པོ་སོ་སོར་བྱ་ཚིག་བེད་སྤྱོད་གཏོང་སྟངས་མི་འདྲ་བ་ཡོད་པས། བརྩོན་འགྲུས་ལ་རྩོམ་ཞེས་བེད་སྤྱོད་ཡོད། བྱས་ཙང་། བརྩོན་འགྲུས་བྱེད་ཟེར་བ་ལྟ་བུ་བེད་སྤྱོད་ཆོག་ཀྱང་། དེ་ལས་གོང་གི་བརྩོན་འགྲུས་རྩོམ་པ་ཟེར་ནས་རྩོམ་བེད་སྤྱོད་ན་ཡག་ག་ཡོད།