སངས་རྒྱས་པ།

དགྲ་བཅོམ་པ་དང་རང་སངས་རྒྱས་ཐོབ་ནས། སངས་རྒྱས་ཡ་ཡི་གོ་སྐབས་ཡོད་དམ།
གལ་ཏེ་ཡོད་ན་གོ་སྐབས་ཇི་ལྟར་འབྱུང་ངམ། རྐྱེན་གང་ཡིན་ནམ། སྦྱོང་ལམ་ག་ནས་འགོ་འཛུགས་སམ།

1 Like

ཉན་ཐོས་དང་རང་རྒྱལ་དགྲ་བཅོམ་པ་གང་ཡིན་ཡང་སླར་ཡང་ཐེག་ཆེན་ཚོགས་ལམ་ནས་ཞུགས་ཏེ། དེ་ནས་ཐེག་ཆེན་སྦྱོར་ལམ། མཐོང་ལམ། སྒོམ་ལམ། སྒོམ་ལམ་དེ་ལ་ཡང་ས་བཅུ་སོགས་ཕྱེ་ནས་མཐར་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་ཡིན། དགྲ་བཅོམ་པ་ཏིང་ངེ་འཛིན་ལ་གཡེང་བཞིན་པའི་སྐབས་སུ་སངས་རྒྱས་ཀྱིས་འོད་ཟེར་གྱིས་བསྐུལ་ཏེ། ད་དུང་ཁྱོད་མྱ་ངན་ལས་ཡོངས་སུ་འདས་མེད་པས། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་འབད་བརྩོན་གྱིས་གསུངས་ནས་ཐེག་པ་ཆེན་པོའི་ཚོགས་ལམ་ནས་ཞུགས་པ་ཡིན།