ཚུལ་ཁྲིམས་ལྔ་།

ག་རེ་བྱས་ནས་ཚུལ་ཁྲིམས་ལྔ་ཡི་ནང་ནས་རྒྱན་འཛུགས་པ་སྤོང་བ་ཡོད་མ་རེད།
ཚུལ་ཁྲིམས་ལྔ་ཡི་སྐོར་ལ་འགྲེལ་བཤད་གནང་རོགས་། ཐུགས་རྗེ་ཆེ་།

1 Like

དགེ་བརྙེན་གྱི་བསླབ་པའི་གཞི་ལྔའམ། རྩ་བཞི་ཆང་དང་བཅས་པ་སྤངས་པའི་ཚུལ་ཁྲིམས་ལྔ་ནི། ༡ མིའི་སྲོག་གཅོད་པ་དང་། ༢ རང་ལ་བདག་དབང་མེད་བཞིན་དུ་གཞན་གྱི་ཅ་ལག་དངོས་སུ་འཕྲོག་པ་དང་། ལྐོག་ནས་རྐུས་པ་དང་། ༣ མི་ཆོས་བླ་མའི་རྫུན་སྨྲ་བ་སྟེ་རང་ལ་མངོན་ཤེས་དང་རྫུ་འཕྲུལ་སོགས་མེད་ན་ཡང་གཞན་མགོ་སྐོར་གཏོང་ཆེད་དུ་ཡོད་མདོག་བྱེད་པ། ༤ འདོད་ཆགས་ཀྱི་དབང་གིས་མི་གཞན་གྱི་གཟའ་ཟླ་དང་མཉམ་དུ་འདོད་པ་སྤྱོད་པ། ༥ ཆང་འཐུང་པ་བཅས་སྤངས་པའི་ཚུལ་ཁྲིམས་ལྔའམ་བསླབ་པའི་གཞི་ལྔ་གསུང་གི་ཡོད། རྒྱན་འཛུགས་བྱེད་པ་ནི་མ་བྱིན་པ་ལེན་པའི་ཁོངས་སུ་གཏོགས་པ་ཡིན་པས་ཟུར་དུ་བགྲང་མི་དགོས་སྙམ།