་་་་ཨ། ་་་་དང་།

རེ་བ་འདོན་དུས། “ [བྱ་ཚིག་] ཨ།” “ [བྱ་ཚིག་] དང་། ”

ག་དུས་བྱ་ཚིག་ད་ལྟ་བ་འགྲོ་དགོས་སམ། ག་དུས་སྐུལ་ཚིག་འགྲོ་དགོས་སམ།

འདྲ་བའི་སྐབས་དང་མི་འདྲ་བའི་སྐབས་གཉིས་ཀ་ཡོད། སྒོར་མོ་གཏོང་རོགས་ཨ། དང་། རོགས་པ་བྱེད་རོགས་ཨ། སོགས་ལ་ད་ལྟ་བ་བྱེད་སྤྱོད་གཏོང་དགོས། སྒོར་མོ་ཐོངས་དང་། རོགས་པ་བྱོས་དང་། སྒོར་མོ་ཐོངས་ཨ། རོགས་པ་བྱོས་ཨ། སོགས་ལ་སྐུལ་ཚིག་བྱེད་སྤྱོད་གཏོང་གི་ཡོད་རེད། ཨ་ནི་བསླབ་བྱ་རྒྱག་པ་ལྟ ་བུ་ལ་གོ། དང་ནི་གུས་ཞབས་མེད་པ་འདྲ་བོ་རེད།