ཕྲག་དོག་དང་འགྲན་སེམས་ལ་བཟོད་པ།

ཕྲག་དོག་དང་འགྲན་སེམས་ཀྱི་ཁྱད་པར་གང་ཡོད་དམ།
རྗེས་སུ་ཡི་རང་ཡོད་ན། ཕྲག་དོག་དང་འགྲན་སེམས་ལ་བཟོད་པ་སྒོམ་རྒྱག་རེད་ཕས།
རྗེས་སུ་ཡི་རང་བ་ཀྱི་སྐོར་ལ་འགྲེལ་བཤད་གནང་རོགས་།
ཐུགས་རྗེ་ཆེ་།

1 Like

ཕྲག་དོག་དང་འགྲན་སེམས་གཉིས་འདྲ་བོ་རེད། གཉིས་ཀ་མི་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པ་སེམས་ཁོངས་ནས་འཁྲུག་པ་ཞིག་དང་། མ་ཚད་འགྲན་སེམས་དེས་ད་དུང་གཞན་གྱི་ཕུན་ཚོགས་ནང་བཞིན་རང་ལའང་ཐོབ་འདོད་པ་ཞིག་རེད།
རྗེས་སུ་ཡི་རང་བ་ནི། གཞན་གྱི་ཕུན་ཚོགས་མཐོང་ནས་སེམས་གཏིང་ནས་དགའ་བ་སྐྱེ་པ་ཞིག་ལ་ཟེར་བས། དེས་ཕྲག་དོག་དང་འགྲན་སེམས་གཉིས་ཀ་མེད་པ་བྱེད་ཐུབ།

ཕྲག་དོག་དང་འགྲན་སེམས་ཀྱི་ཁྱད་པར་གང་ཡོད་དམ།
རྗེས་སུ་ཡི་རང་ཡོད་ན། ཕྲག་དོག་དང་འགྲན་སེམས་མེད་པ་ཆག་གི་རེད་པས།