རྣམ་སྨིན།

དེ་ཕྱིར་ལན་དང་རྣམ་སྨིན་མི་རེ་བའི།།
སྦྱིན་པ་གཏོང་བ་རྒྱལ་སྲས་ལག་ལེན་ཡིན།།

རྣམ་སྨིན་དང་འབྲས་བུའི་རིགས་གཞན་པ་བཅས་འགྲེལ་བཤད་གནང་རོགས།

སྐབས་འདིར་འབྲས་བུའི་རིགས་ནང་དམིགས་བསལ་རྣམ་སྨིན་གསུང་བར་རྒྱུ་མཚན་གང་ཡིན་ནམ།

1 Like

སྤྱི་འབྲས་བུ་ལ་རིགས་ལྔ་ཡོད་རེད། དེ་ཡང་། རྒྱུན་མཐུན་གྱི་འབྲས་བུ། རྣམ་སྨིན་གྱི་འབྲས་བུ། བདག་པོའི་འབྲས་བུ། སྐྱེས་བུས་བྱས་པའི་འབྲས་བུ། བྲལ་བའི་འབྲས་བུ་བཅས་རེད། དེའི་ནང་གི་རྣམ་སྨིན་གྱི་འབྲས་བུ་ཟེར་ན། དགེ་བ་དང་མི་དགེ་བ་གང་ཡང་མིན་པ། སེམས་ཅན་གྱི་རྒྱུད་ཀྱི་བསྡུས་པ། ཕྱིས་སུ་བྱུང་བ་ཡིན་པ། དེ་འདྲ་ཞིག་དགོས་རེད། སྐབས་འདི་སྦྱིན་པ་གཏོང་བའི་དགེ་བའི་འབྲས་བུ་གསུང་གི་ཡོད་དུས། དགེ་བ་དང་མི་དགེ་བའི་འབྲས་བུ་གཙོ་བོ་དེ་རྣམ་སྨིན་འབྲས་སང་ཙང་ལས་དང་སྨིན་ལ་མི་རེ་བ་སྦྱིན་པ་གཏོང་དགོས་གསུང་པ་རེད།