ཞེན་ཆགས། བྱམས་སྙིང་རྗེ།

མཚམས་རེར་བྱམས་སྙིང་རྗེ་དང་ཞེན་ཆགས་ཉེ་བོ་རེད།

མཚམས་རེར་ཞེན་ཆགས་མ་བྱེད་ཆེད་དུ་སྟོང་ཉིད་སྒོམ་ན་བྱམས་སྙིང་རྗེ་ལ་གེགས་བར་བྱེད་ཀྱི་རེད།

ཞེན་ཆགས་མ་བྱེད་པའི་བྱམས་སྙིང་རྗེ་བསྐྱེད་ཚུལ་གང་ཡོད་དམ།

1 Like

ཞེན་ཆགས་ནི་ཆགས་པ་དང་འདྲེས་པ་རེད། སྙིང་རྗེ་ནི་ཆགས་པ་དང་གཏན་ནས་མའདྲེས་པ་ཞིག་རེད། བྱས་ཙང་དེ་གཉིས་རྣམ་པ་འདྲ་བོ་ཡོད་ཀྱང་དོན་རྦད་དེ་ཁ་ཁ་རེད། ཞེན་ཆགས་བྱེད་དུས་རང་གང་ལ་ཞེན་ཆགས་སྐྱེ་ས་དེ་ལས་གང་ཡང་རུང་བ་ཞིག་ཐོབ་པ་འདོད་ཀྱི་རེད། སྙིང་རྗེ་ནི་གཞན་སྡུག་བསྔལ་ལས་ཐར་པ་འདོད་པ་ལས་རང་གང་ལ་སྙིང་རྗེ་བྱེད་ས་དེ་ལས་གང་ཡང་ཐོབ་པ་མི་འདོད།