བྱང་ཆུབ་སེམས་དཔའ།

བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་ནང་བསྡད་མ་དགོས་པ་ཡིན་ན་ཡང་། སེམས་ཅན་སྡུག་བསྔལ་ལས་སྒྲོལ་ཆེད་དུ་འཁོར་བ་ལ་སྐྱེ་བ་ལེན་གྱི་ཡོད་རེད། ཁོང་ཚོ་ཐར་པ་ཐོབ་ཚར་མཁན་ལ་གོ་དགོས་སམ།

1 Like

གོ་གི་མ་རེད། བྱང་ཆུབ་སེམས་པ་རྣམས་ཐར་པ་ཐོབ་མེད་ཀྱང་གཞན་དོན་སྒྲུབ་རྒྱུ་ལས་བསམ་བློ་གཞན་མེད་པ་ཡིན་པས། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་གང་དུ་ཡོད་པ་དེར་སྐྱེས་ནས་སྡུག་བསྔལ་བསལ་རོགས་དང་། བདེ་བ་སྒྲུབ་རོགས་ཁོ་ན་བྱེད་ཆེད་དུ་རང་ཉིད་འཁོར་བར་སྨོན་ལམ་དང་། བསམ་བཞིན་དུ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་སྐྱེ་བ་ལེན་གྱི་ཡོད།