ཞེས་པའི་དོན།

སྐྱེས་བུ་དམ་པ་དེ་ཚོ་ལ་སྐུ་གདུང་ཞེས་ལབ་དགོས་ཀྱི་རེད།
དྲང་ངེས་ཆོས་ཀྱི་འཁོར་ལོ་རིམ་གསུམ་བསྐོར། །ཞེས་ལབ་འདུག
རྒྱལ་པའི་གསུང་ལ་དྲང་ངེས་གཉིས་ཡོད་ཅེས་པ་ལྟ་བུ།
དྲང་བ་དང་ངེས་པའི་དོན་ཞེས་པའི་ཚིག་བསྡུས་པ། དྲང་བའི་དོན་ཞེས་པ་ནི་གཞན་ལ་ཕན་པའི་ཆེད་དུ་གོ་སླ་མོར་བཤད་པ་ཀུན་རྫོབ་ཀྱི་ཆ་དང་།

1 Like

སྐྱེས་བུ་དམ་པ་དེ་ཚོའི་སྐུ་ཕུང་ལ་སྐུ་གདུང་དང་། སྐུ་རུས་ལ་གདུང་རུས་ཤེས་ཟེར་དགོས་ཀྱི་རེད།
དྲང་ངེས་ཆོས་ཀྱི་འཁོར་ལོ་རིམ་གསུམ་བསྐོར། །ཞེས་གསུངས་འདུག
རྒྱལ་བའི་གསུང་ལ་དྲང་ངེས་གཉིས་ཡོད་ཅེས་ལྟ་བུ།
དྲང་བ་དང་ངེས་པའི་དོན་ཞེས་པའི་ཚིག་བསྡུས་པ། དྲང་ངེས། དྲང་བའི་དོན་ཞེས་པ་ནི་གཞན་ལ་ཕན་པའི་ཆེད་དུ། གོ་སླ་མོར་བཤད་པ་ཀུན་རྫོབ་ཀྱི་ཆ་བསྟན་པ་དང་། ཡང་ན་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་བའི་བཀའ་དེ་དག་དྲང་བའི་དོན་ཡིན། དྲང་ཞེས་པ་དེ་གནས་སྟངས་གཞན་ཞིག་ལ་གོ་དགོས་པའི་དོན་དང་། ངེས་པ་དེ་ག་རང་གནས་སྟངས་མཐར་ཐུག་པའམ། གཞན་དུ་འགྲེལ་མི་དགོས་པ་ཞིག་ལ་ཟེར།