ཡིན་པས། ཡིན་པ།

(ས་སྐྱ་གོང་མ་ཁྲི་འཛིན་ཞེ་གཉིས།) སངས་རྒྱས་ཀྱི་བཀའ་སློབ་ནི་སྐྱེ་བོ་ཐམས་ཅད་ཀྱི་བདེ་སྐྱིད་དང་འབྲེལ་བའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ནི་ཁོང་གིས་གནང་བའི་བསླབ་བྱ་དེ་དག་ཁོང་ཉིད་ཀྱི་ཆེད་དུ་མིན་ཏེ། སེམས་ཅན་ཐམས་ཅད་ཀྱི་ཕན་བདེའི་ཆེད་དུ་ཡིན་པས་སོ།

མཐའ་མ་དེ་ལ་“ཡིན་པས་”ཀྱི་ཚབ་ལ་“ཡིན་པ་”བྲིས་ན་འགྲིག་ས་རེད་དམ།

རྒྱུ་མཚན་བསྟན་པའི་བྱེད་སྒྲ་དེ་བྲིས་ན་ཡག་ག་འདུག །ཡིན་ནའང་ཆེད་དུ་ཡིན་པའོ།ཟེར་ནས་བྲིས་ན་ཡང་མི་འགྲིག་ཧ་ཅང་ཆེན་པོ་མི་འདུག་སྙམ།