སྡུག (མཛེས་སྡུག སྡུག་བསྔལ)

“མཛེས་སྡུག་”དང་“སྡུག་བསྔལ།”

གཅིག་ཡིད་དུ་འོང་བ་དང་། གཅིག་ཡིད་དུ་མི་འོང་བ་ཡིན་ཡང་། གཉིས་ཀའི་ནང་“སྡུག་”གཅིག་པ་ཡོད།

ཐ་སྙད་དེའི་གོ་དོན་དྲང་ལྡོག་ཕྱོགས་གཉིས་འབྱུང་ཁུངས་གཅིག་ནས་བྱུང་ངམ།

སྡུག་ཞེས་པ་དེ་ཚིག་གཅིག་ཡིན་ནའང་། ཚིག་གྲོགས་ཀྱི་དབང་གིས་དོན་ཁ་ཁར་འཇུག་གི་རེད། མཛེས་པ་དང་མཉམ་དུ་བྱུང་ན་མཛེས་སྡུག་ཞེས་པ་དེ་ཡག་པོ་དང་། སྡུག་ཞེས་པ་དེ་པོ་མཉམ་དུ་བྱུང་ན་སྡུག་པོ་ཞེས་ཡག་པོ་མ་ཡིན་པའི་ཕྱོགས་སུ་གོ། དེ་འདྲ་རིགས་དཔེ་མང་པོ་ཡོད།