འདུལ་བ།

རང་གི་ཞེ་སྡང་དགྲ་བོ་མ་ཐུལ་ན། །
ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར། །
དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས། །
རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན། །

རྩ་བ་དེ་ནང་དུ་འདུལ་བའི་བེད་སྤྱོད་གཏོང་སྟངས་་གསུམ་ཡོད་རེད།
རྒྱུ་མཚན་གང་རེད།

ག་རེ་བྱས་ནས་མ་ཐུལ་ན་དེ་ལ་སྐུལ་ཚིག་བྱེད་དགོས་རེད།
དགྲ་བོ་བཏུལ་ཞིང་དེ་ལ་འདས་པ་བྱེད་དགོས་རེད།
རང་རྒྱུད་**འདུལ་བ་**དེ་ལ་ད་ལྟ་བ་བྱེད་དགོས་རེད།

རྒན་ལགས་ཀྱིས་འགྲེལ་བཤད་གནང་རོགས་གནང་།

1 Like

དགྲ་བོ་མེད་པ་བཟོ་འདོད་ན་ཞེ་སྡང་དགྲ་བོ་ཐུལ་ཞིང་དང་།
ཕྱི་རོལ་གྱི་དགྲ་ཁ་སང་བཏུལ་ན་ཡང་སང་ཉིན་ཡོང་སྲིད་ཀྱི་ཟེར་བ་དང་།
ད་ལྟར་ཞེ་སྡང་དག་བོ་འདུལ་བའི་ཉམས་ལེན་བྱེད་དགོས་རེད་ཟེར་བ་ལྟ་བུའོ།