སྐུལ་ཚིག་ཐུལ།

རང་གི་ཞེ་སྡང་དགྲ་བོ་མ་(ཐུལ)་ན། །

ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར། །

དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས། །

རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན། །

དེ་ནང་དུ་(ཐུལ)་འདུལ་བའི་སྐུལ་ཚིག་རེད། ག་རེ་བྱས་ནས་སྐུལ་ཚིག་བེད་སྤྱོད་གཏོང་དགོས་རེད།

1 Like

དགྲ་བོ་མེད་པ་བཟོ་དགོས་ན། བྱམས་པ་དང་སྙིང་རྗེ་ཡིས་དང་པོར་ཞེ་སྡང་དགྲ་བོ་ཐུལ་ཞིང་ཟེར་བ་ལྟ་བུ།
དེ་ལྟར་མ་བྱས་ན་དགྲ་བོ་མེད་པ་བཟོ་ཐུབ་ཀྱི་མ་རེད། བྱས་ཙང་དགྲ་བོ་མེད་པ་བཟོ་འདོད་ན་ཞེ་སྡང་མེད་པ་བྱོས་ཟེར་ནས་སྐུལ་མ་བྱེད་ཀྱི་ཡོད་རེད།