དྲན་པ་དང་ཤེས་བཞིན།

ཁྱད་པར་སླར་ཡང་གསུངས་རོགས་གནང།

1 Like

སེམས་བྱུང་དེ་ལ་རིགས་མི་འདྲ་བ་མང་པོ་ཡོད་པའི་ནང་དུ་ཡུལ་ངེས་ལྔ་ཟེར་བ་ཞིག་ཡོད། དེ་ཡང་འདུན་པ། མོས་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་བཅས་ལྔ་རེད། དེའི་ནང་གི་དྲན་པས་རང་གིས་ཧ་གོ་བའི་ཆོས་གང་ཡིན་མི་བརྗེད་པ་དྲན་པའི་ཡུལ་ཏུ་འཛིན་གྱི་ཡོད། ཤེས་རབ་ཀྱིས་བྱ་བ་ལེགས་པ་དང་། ཉེས་པ་གང་དང་གང་ཡིན་དཔྱོད་པ་བྱས་ནས། བྱ་བ་རུང་བ་དེ་བྱེད་ཏུ་འཇུག་པ་དང་། མི་རུང་པ་དེ་བྱེད་ཏུ་མི་འཇུག་པ་སྤོང་བ་བྱེད། མདོར་ན་རྒྱུན་དུརང་གི་ལུས་ངག་ཡིད་གསུམ་ལ་བརྟགས་ནས་བླང་དོར་ལེགས་ཉེས་དབྱེ་བ་འབྱེད་པའི་སེམས་བྱུང་ཞིག་ལ་ཤེས་བཞིན་ཟེར།