བདེན་པ་བཞི། ཉན་ཐོས་ཐེག་པ། ཐེག་ཆེན་པ།

ཉན་ཐོས་ཐེག་པ་དང་། ཐེག་ཆེན་པ་གཉིས་ཀྱི་བདེན་པ་བཞིའི་དོན་འགྲེལ་ཁྱད་པར་ཡོད་དམ།

1 Like

ཉན་ཐོས་སྡེ་གཉིས་ཀྱིས་འདོད་པ་དེ་ཐེག་པ་ཆེ་ཆུང་གཉིས་ཀས་འདོད་ཀྱི་རེད། ཡིན་ནའང་། ཐེག་པ་ཆེན་པོས་ཉོན་ཐོས་སྡེ་གཉིས་ཀྱིས་ངོས་འཛིན་མི་ཐུབ་པའི་བདེན་བཞི་ཕྲ་མོའི་རྣམ་བཞག་ཞིག་ཀྱང་བཞག་གི་རེད། དཔེར་ན། ཉན་ཐོས་རྣམས་ཀྱིས་དགྲ་བཅོམ་པའི་གོ་འཕང་ཐོབ་ན་བདེན་འཛིན་སྤངས་མི་དགོས། ཐེག་ཆེན་པའི་དབུ་མ་ཐལ་འགྱུར་བས་བདེན་འཛིན་ཉེས་སྒྲིབ་ཏུ་འདོད་པས་བདེན་གྱི་དབང་གིས་བྱུང་པའི་བདེན་བཞི་ཕྲ་མོའི་རྣམ་བཞག་ཞིག་འདོད་ཀྱི་རེད།