དགྲ་བཅོམ་པ། གང་ཟག་གི་བདག་མེད། ཆོས་ཀྱི་བདག་མེད།

དགྲ་བཅོམ་པ་རྣམས་ཀྱིས་གང་ཟག་གི་བདག་མེད་རྐྱང་རྐྱང་ཧ་གོ་བ་དང་། ཁོང་ཚོས་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་ཀ་ཧ་གོ་བ་བཤད་ཚུལ་གཉིས་ཡོད།

དེ་དག་སུའི་སུའི་བཤད་ཚུལ་ཡིན་ནམ། རྒྱུ་མཚན་འམ་རྩོད་པ་གང་ཡིན་ནམ།

ནང་པའི་གྲུབ་མཐའ་སྨྲ་བ་དེ་ལ་བཞི་ལས། བྱེ་བྲག་སྨྲ་བ་དང་། མདོ་སྡེ་བ། སེམས་ཙམ་པ། དབུ་མ་རང་རྒྱུད་པ་བཅས་ཀྱིས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ལ་གང་ཟག་གི་བདག་མེད་ཙམ་ལས་ཆོས་ཀྱི་བདག་མེད་རྟོགས་མི་དགོས་པ་བཞེད། དབུ་མ་མཐའ་འགྱུར་བས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ལ་གང་ཟག་གི་བདག་མེད་ཙམ་མ་ཡིན་པ། ཆོས་ཀྱི་བདག་མེད་ཀྱང་རྟོགས་དགོས་པ་བཞེད་ཀྱི་རེད། གང་ཡིན་ཞེ་ན། དབུ་མ་མཐའ་འགྱུར་བས་ཆོས་ཀྱི་བདག་འཛིན་ཉེས་སྒྲིབ་ཏུ་འདོད་པ་དང་། གཞན་རྣམས་ཀྱིས་ཆོས་ཀྱི་བདག་འཛིན་ཉོན་སྒྲིབ་ཏུ་མི་འདོད་པས་སོ།