གནས་ལུགས་གཏན་ལ་འབེབས་པ།

སློབ་ཚན་ནང་དུ། དཔེར་བརྗོད་ཅིག་གསུངས་པ་རེད།
མིག་ཟེར་བ་འདི་མེད་ན་དམར་པོ་མེད་པ་རེད།

དཔེར་བརྗོད་གཞན་པ་གསུང་པ་ཡིན་ན་གང་ཡོད་རེད།
རྒན་ལགས་ཀྱི་འགྲལ་བཤད་ཁ་ཤས་གསུང་རོགས་གནང་།

དེ་ནས་དུས་ཚོས་ཡོད་ན།
ཡུལ་དང་ཡུལ་ཅན། གཟུང་བ་དང་འཛིན་པ།
དེ་འདྲའི་སྐོར་ལ་ཡང་ཏོག་ཙམ་འགྲལ་བཤད་གནང་རོགས་གནང་།

ཐུགས་རྗེ་ཆེ་གནང་།

1 Like

ང་ཚོས་ཧ་ཅང་གི་གཅེས་སྤྲས་བྱེད་སའི་ང་ཟེར་བ་ཞིག་བློ་ལ་ཤར་ནས་དེའི་ཆེད་དུ་དཀའ་ལས་ཧ་ཅང་གི་ཤུགས་ཆེན་པོ་རྒྱག་གི་ཡོད་རེད་བ། ཡིན་ནའང་ཧ་ཅང་གི་རྩ་ཆེན་པོ་རྩི་སའི་ང་དེ་གང་དུ་འདུག་བཙའ་ན་ང་ཚོ་ལ་སྣང་བ་ནང་བཞིན་གཏན་ནས་མེད་རེད། དེ་བཞིན་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་སོགས་ང་ཚོ་ལ་སྣང་བ་ནང་བཞིན་མེད་པ་ཡིན་པས། ང་ཚོ་ལ་སྣང་བ་ནང་བཞིན་དེ་དག་མེད་ན། དེ་དག་དམར་པོ་དང་། དཀར་པོ་བཤད་ས་ཁོ་རང་ཡོད་མ་རེད་བ།
ཡུལ་ཟེར་ན་ཆོས་གང་འདྲ་ཞིག་ཡིན་ཡང་རང་ཉིད་ཡུལ་རེད། ཡུལ་ཅན་ཟེར་ན། རང་ཉིད་ཀྱིས་ཆོས་གང་ཡང་རུང་བ་ཞིག་རྟོགས་པའམ། རང་ལ་སྣང་ན་རང་ཉིད་ཡུལ་ཅན་ཟེར། ཡུལ་དང་བཟུང་བ་གཅིག་པ་རེད། འཛིན་པ་དང་ཡུལ་ཅན་གཅིག་པ་རེད།