ཞེ་སྡང་བསྐྱེད་པ།

ཞེ་སྡང་བསྐྱེད་པའི་རྒྱུ་མཚན་གང་རེད། ཁོང་ཁྲོ་ལངས་པའི་རིམ་པ་གང་ཡོད་རེད།

དེ་ནས་དུས་ཚོད་ཡོད་ན།
ཡང་འདོད་ཆགས་དང་གཏི་མུག་ཡོད་པའི་རྒྱུ་མཚན་ཏོག་ཙམ་གསུང་རོགས་གནང་།

ཐུགས་རྗེ་ཆེ་གནང་།

1 Like

རེད། དེ་ལའང་ཀུན་ནས་མནར་སེམས་པའི་དངོས་པོ་དགུ་ཟེར་ནས་ཐ་སྙད་བྱེད་ཀྱི་རེད། ང་ཚོས་དང་པོ་མི་ཞིག་མཐོང་བ་ན། མི་དེས་ང་ལ་གནོད་པ་བྱས་སམ། བྱེད་ཀྱིན་འདུག །བྱ་ས་རེད་བསམ་ནས་ཞེ་སྡང་ལང་གི་ཡོད། དེ་བཞིན་དུ་ངའི་གཉེན་ལ་གནོད་པ་བྱས་སམ། བྱེད་ཀྱིན་འདུག །བྱ་ས་རེད་བསམ་ནས་དང་། དེ་བཞིན་དུ་ངའི་དགྲ་ལ་ཕན་བཏགས་སམ། ཕན་འདོགས་སམ། གདགས་པར་འགྱུར་རོ་སྙམ་ནས་ཞེ་སྡང་སྐྱེ་གི་ཡོད་རེད། བྱས་ཙང་། རང་ལ་ཡག་པོ་མ་ཡིན་པ་སྣང་ནས་ཞེ་སྡང་དང་། ཁོང་ཁྲོ་ལང་གི་རེད། ཡང་རང་ལ་ཡག་པོ་ཞིག་མཐོང་ན་འདོད་ཆགས་སྐྱེ་གི་རེད།