གྲྭ་པ་ལ་སྐྱོན་བརྗོད།

སྤྱིར་བཏང་ཁྱིམ་པ་ཚོས་དགེ་འདུན་ལ་གུས་ཞབས་བྱེད་དགོས་རེད། དགེ་འདུན་གྱི་སྐྱོན་བརྗོད་ན་མི་རུང་བ་རེད། ཡིན་ན་ཡང་། གྲྭ་པ་ཁ་ཤས་སྐྱོན་ཡོད་ན་ཁྱིམ་པ་ཚོས་ཀུན་སློང་ཡག་པོ་ནས་ལབ་ན་འགྲིག་གི་མ་རེད་པས། སྡིག་པ་ཡོད་རེད་པས།

1 Like

དྲི་བ་དཔེ་ཡག་པོ། གྲྭ་བ་འགའ་ཤས་ཀྱིས་སྤྱོད་ལམ་ཡག་པོ་མེད་ན་གྲྭ་བ་དེ་དང་དེ་ཡག་པོ་མི་འདུག་ཟེར་ནས་ལབ་དགོས་པ་ལས། གྲྭ་བ་དེ་ཚོ་ཡག་པོ་མི་འདུག་ཟེར་ནས་གྲྭ་བ་སྤྱི་ལ་སྐྱོན་བརྗོད་བྱས་ན་ཉེས་པ་ཆེན་པོ་གསོག་གི་རེད། དཔེར་ན་ལས་བྱེད་ཅིག་ཡག་པོ་མེད་ན། ལས་བྱེད་དེ་ཡག་པོ་མི་འདུག་ཟེར་ནས་ལབ་དགོས་པ་ལས། ལས་བྱེད་དེ་ཚོ་ཡག་པོ་མི་འདུག་ཟེར་ནས་ལབ་ཡ་ཡོད་མ་རེད་བ། དེ་དང་གཅིག་པ་རེད།