ལྷ་མ་ཡིན་སྐོར་ལ།

སྐྱེས་བུ་ཆུང་ངུ་ཟེར་ན། ངན་སོང་གསུམ་གྱི་སྡུག་བསྔལ་ལ་ཞེད་ནས་སྐྱེ་བ་ཕྱི་མར་ལྷ་དང་མིའི་ལུས་རྟེན་ཐོབ་ཡ་ཆེད་དུ། འབད་བརྩོན་བྱེད་ཀྱི་རེད།

འགྲོ་བ་རིགས་དྲུག་ནི། ལྷ་དང་། ལྷ་མ་ཡིན། མི། དུད་འགྲོ། ཡི་དྭགས། དམྱལ་བ་སྟེ་དྲུག་དྲུག་ལ་ཟེར།

དིའི་ནང་ནས་བདེ་འགྲོ་གསུམ་དང་ངན་འགྲོ་གསུམ་ཡོད་རེད་ཕས། ལྷ་མ་ཡིན་ཡང་བདེ་འགྲོ་རེད་ཕས། ག་རེ་བྱེད་ནས་དི་སྐྱེས་བུ་ཆུང་ངུ་གི་དམིགས་ཡུལ་མ་རེད།

ལྷ་མ་ཡིན་སྐོར་ལ་འགྲེལ་བཤད་གནང་རོགས་གནང་། ཐུགས་རྗེ་ཆེ་།

ངན་སོང་གསུམ་ལས་ཐར་ནས་བདེ་འགྲོ་ལྷ་དང་མའི་ལུས་རྟེན་ཐོབ་ཆེད་དུ་ཆོས་སྒྲུབ་ཟེར་དུས་ལྷ་མ་ཡིན་དེ་ཡང་བདེ་འགྲོ་བ་རེད། ལྷ་དང་མི་ཟེར་ནས་གཉིས་ལས་མ་བགྲང་པ་ནི། ལྷ་མ་ཡིན་དེ་ལྷའི་ནང་དུ་བསྡུས་ནས་ལྷ་ལས་ལོགས་སུ་བགྲངས་པ་རེད། མ་གཏོགས་དོན་ལ་བདེ་འགྲོའི་ལུས་རྟེན་རེད།

1 Like