ངེད། རང་ངོས། བདག

ང་གི་བེད་སྤྱོད་གཏོང་དུས་ཚིག་དཔེ་མང་པོ་ཡོད་རེད།

དཔེར་ན། ངེད། ངེད་རང། རང་ངོས། རང་ཉིད། བདག ང་རང་།
དེ་ཚོས་བེད་སྤྱོད་གཏོང་ས་ཁྱད་པར་གང་ཡོད་རེད།

རྒན་ལགས་ཀྱིས་འགྲེལ་བཤད་ཏོག་ཙམ་གནང་རོགས་གནང་།

ངེད་གཉིས་ལྷ་ས་ནས་རྒྱ་གར་ལ་མཉམ་དུ་ཡོང་བ་ཡིན། ང་གཉིས་འབྲི་མི་ཉན། ངེད་དང་ང་ཚོ་དང་འདྲ་བ་རེད། གཅིག་ལས་མང་བ་ལ་འཇུག་པ་རེད། བདག་གིས་བྲིས་པའི་དེབ་ང་རང་ཉིད་ལ་དབང་། བདག་དང་རང་ཉིད་སོགས་རང་གཅིག་པུ་ལ་འཇུག

ངའི་གྲོགས་པོས་ང་ལ་ཡག་པོ་བྱེད་མི་འདུག །ཡིན་ན་ཡང་ང་རང་ངོས་ནས་ཁོ་ལ་ཡག་པོ་བྱེད་ཡོད།