སྤྱི་སྒྲ།

ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །
བྱས་ཙང་ཅི་ཡི་རྗེས་ལ་ཚིག་མེད་ན། འདི་ཡང་སྤྱི་སྒྲ་ལབ་ཀྱི་འདུག་གམ།

དཔེར་ན།
ཆོས་ཐམས་ཅད་ལྟ་ཅི་སྨོས།
ཅི་དེ་ལ་སྤྱི་སྒྲ་རེད་པས།

དཔེར་ན།
དགོང་དག་ཁྱིམ་ཚང་**ཞིག་**ལ་ཁང་པ་གཡར་དུ་ཕྱིན་པ་་རེད།
ཞིག་སྔོན་ལ་ཅི་མེད་ན་ཡང་སྤྱི་སྒྲ་རེད་པས།
ཡང་ན་འདི་ལ་ཞིང་སོགས་རེད།

ཆོས་ཐམས་ཅད་ལྟ་ཅི་སྨོས། ཅི་འདི་ནི་ཚིག་རོགས་ཙམ་ལས་སྤྱི་སྒྲ་མིན། ཡང་དགོང་དག་ཁྱིམ་ཚང་**ཞིག་**ལ་ཁང་པ་གཡར་དུ་ཕྱིན་པ་རེད། ཅེས་པའི་ཞིག་དེ་ཡང་བྱེ་བྲག་གཅིག་གི་དོན་ཙམ་ལས་སྤྱི་སྒྲ་མིན་སྙོམ། སྤྱི་སྒྲ་ནི། དཔེར་ན། དོན་ཅི་ཞིག་ཟེར་བ་དང་། རྒྱུ་མཚན་ཅིའི་སླད་དུ་ཟེར་བ་དང་། བཟང་ངན་ཅི་འདྲ་འདུག་ཟེར་བ་དང་། གནས་དོན་ཅིའི་ཕྱིར་རྒྱ་ནག་ལ་འགྲོ་ཟེར་བ་བཅས་ནི་ཅི་སྤྱི་སྒྲ་ལ་འཇུག་པའི་དཔེའོ།།དེ་བཞིན་དུ་ཅི་མེད་པའི་ཞིག་གཅིག་པོ་ཡིན་ན་སྤྱི་ལས་གཞན་བྱེ་བྲག་གཅིག་ལ་འཇུག་པ་ཡིན་པས་སྤྱི་སྒྲ་མིན་ནོ།།