ཞེ་ས་བྱེད་སྟངས།

བཅར་འདྲི་བྱེད་དུས། བཅར་འདྲི་བྱེད་པོས་འདྲི་ཡུལ་བཀུར་འོས་ཤིག་ལ།
“ངས་བཀའ་དྲི་གནང་” ཡང་ན “ངས་དྲི་བ་འདྲི་” གང་རན་པ་ཡིན་ནམ།
དྲི་བ་དེ་འདྲི་ཡུལ་གྱི་དྲི་བ་མ་ཡིན་པར། རང་སོའི་དྲི་བ་ཡིན་དུས། ཞེ་ས་བྱེད་ཆོག་གམ།

དེ་ནང་བཞིན། སོ་སོའི་ཚོགས་པའི་ལས་ཀ་ངོ་སྤྲོད་བྱེད་དུས།
ཚོགས་པ་ནང་ལས་རོགས་གཞན་མང་པོ་ཡོད་པ་དང་། ལས་ཀ་བཟང་པོ་ཡོད་པ་ཡིན་ནའང་།
ང་ཚོས་ཕྱག་ལས་ག་རེ་གནང་ཡོད་ཅེས་ལབ་ན། མི་རན་པ་ཡིན་ནམ།

བཅར་འདྲི་བྱེད་དུས། བཅར་འདྲི་བྱེད་པོས་འདྲི་ཡུལ་བཀུར་འོས་ཤིག་ལ།
“ངས་བཀའ་དྲི་གནང་” ཡང་ན “ངས་དྲི་བ་འདྲི་” གཉིས་ཀ་རན་པོ་མི་འདུག །དེ་ལས་ངས་བཀའ་དྲི་ཞུ་ཡ་ལ། ངས་དྲི་བ་ཞུ་ཡ་ལ་ལབ་ན་ཡག་ག་འདུག །ཡང་རང་ཉིད་གཅིག་པོ་ཡིན་ན་ཞེ་ས་དུས་ནམ་ཡང་བྱེད་ཀྱི་མ་རེད། དཔེར་ན། ངའི་ཕྱག་ལས་ཟེར་གྱི་མ་རེད། ངའི་ལས་ཀ་ཟེར། ཡིན་ན་ཡང་། ང་ཚོ་ཟེར་དུས་རང་མཉམ་དུ་མི་གཞན་ཡོད་པ་ཡིན་ཙང་། ང་ཚོའི་ཕྱག་ལས་ཟེར་ནས་ཞེ་ས་གནང་ནའང་འགྲིག །