དགོས་ཀྱི་ཡོད། དགོས་ཀྱི་རེད།


སྤྱིར་བཏང་ “དགོས་ཀྱི་ཡོད་” དང་ “དགོས་ཀྱི་རེད་” བེད་སྤྱོད་གཏོང་སྟངས་ཁྱད་པར་གང་ཡོད་དམ།


(དྲང་སྲོང་རྒྱལ་པོའི་གཏམ་རྒྱུད།) ཁོས་ས་ཆ་དེའི་བུ་མོ་ལོ་ཆུང་ཆུང་ཚང་མ་ཆང་ས་མ་བརྒྱབ་པའི་སྔོན་ལ་ཁོ་རང་གི་སྡོད་ས་ལ་ཡོང་དགོས་ཀྱི་ཡོད་ཅེས་ལབ་པ་རེད།

འདི་ལ་ “དགོས་ཀྱི་ཡོད་” ཀྱི་ཚབ་ལ་ “དགོས་ཀྱི་རེད་” ལབ་ན་ཁྱད་པར་ཡོད་དམ།

སྐད་ཆ་བཤད་མཁན་དེ་ལ་རག་ལས་ཀྱི། དཔེར་ན། ང་ས་ཡོང་དགོས་ཀྱི་ཡོད། ཁོང་ས་འགྲོ་དགོས་ཀྱི་རེད། ང་དང་མཉམ་དུ་ཡོད་དང་། ཁོང་དང་རྒྱལ་པོ། བཙུན་མོ་སོགས་དང་མཉམ་དུ་རེད་ལབ་ན་ཡག་ག་ཡོད། བྱས་ཙང་། ཁོས་ས་ཆ་དེའི་བུ་མོ་ལོ་ཆུང་ཆུང་ཚང་མ་ཆང་ས་མ་བརྒྱབ་པའི་སྔོན་ལ་་་་་ཁོ་རང་གི་སྡོད་ས་ལ་་་་ལབ་པ་ལས་ང་རང་གི་སྡོད་ས་ལ་ཡོང་དགོས་ཀྱི་ཡོད ་ཅེས་ལབ་ན་ཡག་ག་འདུག།

1 Like