རྟེན་འབྲེལ་ཡན་ལག་བཅུ་གཉིས། མངལ་ནས་སྐྱེ་བའི་འགྲོ་བ།

རྟེན་འབྲེལ་ཡན་ལག་བཅུ་གཉིས་ག་རེ་བྱས་ནས་དམིགས་བསལ་དུ་མངལ་ནས་སྐྱེ་བའི་འགྲོ་བའི་གནས་ཚུལ་སྒང་ལ་གསུང་གི་ཡོད་དམ།

སྐྱེ་ཚུལ་གཞན་གྱི་འགྲོ་བ་རྣམས་ཀྱི་གནས་ཚུལ་མ་ཁྱབ་བམ།

1 Like

སྐྱེ་གནས་བཞི་པོ་གང་ཡིན་ཡང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་སྐྱེ་བ་ལེན་དགོས། འོན་ཀྱང་མངའ་སྐྱེ་ལ་ཡན་ལག་བཅུ་གཉིས་རིམ་གྱིས་གྲུབ་པ་དང་། གྲུབ་ཚུལ་ཡང་གོ་སླ་བ་ལ་དགོང་ནས་གསུངས་པ་མི་ནམ།