འདུ་བྱེད། (ཕུང་པོ་ལྔ། ཕྱག་རྒྱ་བཞི། ཡན་ལག་བཅུ་གཉིས།)

ཕུང་པོ་ལྔ་ནང་གི་འདུ་བྱེད་དང་།
ཕྱག་རྒྱ་བཞི་ནང་གི་འདུ་བྱེད།
རྟེན་འབྲེལ་ཡན་ལག་བཅུ་གཉིས་ནང་གི་འདུ་བྱེད།
དེ་དག་གོ་དོན་དང་ཁྱབ་ཚད་གཅིག་པ་ཡིན་ནམ།

ཕུང་པོ་གཞན་བཞི་ལས་གཞན་པའི་འདུས་བྱས་གང་ཡིན་པ་དེ་འདུ་བྱེད་ཀྱི་ཕུང་པོ་དང་།
རྟེན་འབྲེལ་བཅུ་གཉིས་ཀྱི་ནང་གི་འདུ་བྱེད་ཀྱི་རྟེན་འབྲེལ་ནི་ལས་སམ་སེམས་བྱུང་སེམས་པ་ཞིག་ལ་ཟེར་གོང་གི་དེ་ལས་ཁྱབ་ཆུང་བ་ཡོད། ཕྱག་རྒྱ་བཞི་བཞི་ནང་གི་འདུ་བྱེད་ཟེར་བ་དེ་གོ་མ་སོང་།

1 Like

ཕྱག་རྒྱ་དང་པོ། “འདུ་བྱེད་ཐམས་ཅད་མི་རྟག་པ” ནང་གི་འདུ་བྱེད། གཞན་གཉིས་དང་བསྡུར་ན། གོ་དོན་དང་ཁྱབ་ཚད་གང་ཡིན་པའི་དྲི་བ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།

1 Like

འདུ་བྱེད་ཐམས་ཅད་མི་རྟག་པ་ཞེས་པའི་འདུ་བྱེད་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེ་བའི་དངོས་པོ་ཡོད་ཚད་ལ་ཁྱབ་པས་གཞན་གཉིས་ལས་ཁྱབ་ཆེ་བ་ཡིན།

1 Like