མི་འཆི་ས་ཞིག་ཡོད་ན། ང་ཡང་དེ་ལ་བཞག་རོགས།

སྒྲུང་ཡི་ནང་ལ་གྲྭ་པ་ཡིས་འཇིག་རྟེན་འདི་ལ་མི་འཆི་ས་ཞིག་ཡོད་ན་ང་ཡང་དེར་བཞག་རོགས་ཞེས་རྩེད་མོ་རྩེ་པ་རེད།
གང་ཡིན་ཟེར་ན་འཇིག་རྟེན་ནང་དུ་མི་འཆི་ས་གཅིག་ཡང་ཡོད་མ་རེད།

ཡིན་ན་ཡང་དེ་ལ་འཇིག་རྟེན་མ་གཏོགས། འཇིག་རྟེན་མ་ཡིན་པ་ཡང་བགྲོ་གླེང་བྱེད་པ་ཡིན་ན།
ཞིང་ཁམས།
དཔེར་ན། བདེ་བ་ཅན། སངས་རྒྱས་འོད་དཔག་མེད་ཀྱི་ཞིང་ཁམས།

འདི་ལབ་ན་མི་འཆི་ས་རེད་པས།

1 Like

འཆི་བདག་གི་བདུད་མ་བཅོམ་བར་དུ་ཤིག་དེ་དང་། ང་ཚོ་ལྟ་བུ་བདེ་བ་ཅན་དང་། འཛམ་བུ་གླིང་སོགས་གང་དུ་འགྲོ་ཡང་མི་འཆི་ས་ཞིག་ཡོད་ཀྱི་མ་རེད། འདི་དངོས་པོའི་ཆོས་ཉིད་རེད་སྙམ། ཡིན་ན་ཡང་རྗེས་སུ་ང་ཚོ་བདེ་བ་ཅན་དུ་སླེབས་སོང་ན་གནས་ཚུལ་དངོས་དེ་གང་ཡིན་གསལ་པོ་ཤེས་ངེས། ཧཧཧ