ཕུག་ནོར་བཅུ།

བཀའ་གདམས་གོང་མའི་ཆོས་པའི་ཕུག་ནོར་བཅུ་ནང་ལ། བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུག་ཤི་ལ་གཏད། ཤི་ཕུག་བྲག་ཁུང་སྐམ་པོ་ལ་གཏད། དེའི་ནང་ལ་(ཕུག)་གི་དོན་དག་གང་རེད།
ཐེབས་མེད་རྡོ་རྗེ་སྔོན་ལ་བཏང་། ཁྲེལ་མེད་རྡོ་རྗེ་རྗེས་ལ་བཞག །ཡེ་ཤེས་རྡོ་རྗེ་རང་དང་འགྲོགས། དེའི་ནང་ལ་(ཐེབས)་ཀྱི་དོན་དག་གང་རེད། འགྲེལ་བཤད་ཁ་ཤས་གནང་རོགས་གནང་།

1 Like

ཕུགས་ལབ་ན་གཏིང་རིང་པོ་དང་། གཏིང་ཟབ་པོ། འཐར་ཐུག་པ། བརྟན་པོ་སོགས་ལ་གོ།
ཐེབས་ལབ་སྐབས་འདི་ན་ཕུགས་ཀྱི་དམིགས་ཡུལ་ལ་ཟེར།