སྐྱེ་བ་ལེན་པ།

འགྲོ་བ་རྣམས་ཀྱི་སྲིད་པ་དང་རྗེས་སུ་སྐྱེ་བ་ལེན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ནི། གཞན་ཕན་ཆེད་དུ་སླར་ཡང་སྐྱེ་བ་ལེན་པའམ། མིའི་ལུས་རྟེན་གྱིས་ཆོས་སྦྱོང་། ཆོས་སྒྲུབ། ཆོས་དར་བ་བྱེད་པ་སོགས། དེ་གཉིས་ཁྱད་པར་གང་ཡིན་ནམ།

བྱང་ཆུབ་སེམས་དཔའ་རྣམས་ས་མ་མནན་སྔོན་ལ། སྐྱེ་བ་བླངས་ནས་ཡར་རྒྱས་གཅིག་ཏུ་འགྲོ་འམ། ཉམས་ཆགས་ཀྱི་ཉེན་ཁ་ཡོད་དམ།

1 Like

ང་ཚོ་ཡིན་ན་སྐྱེ་བ་བཟང་ངན་གང་དུ་སྐྱེ་མིན་རང་དབང་མེད་པ་ལས་དང་ཉོན་མོངས་པས་གང་དུ་འཕོང་ནའང་དེར་སྐྱེ་ཡ་རེད། ཡིན་ནའང་ད་ལྟའི་ལུས་རྟེན་འདི་ལ་དམ་པའི་ཆོས་ཡག་པོ་ཞིག་སྒྲུབ་ན་སྐྱེ་བ་རྗེས་མ་དེ་ལ་སྐྱེ་གནས་བཟང་པོ་ཞིག་ཏུ་སྐྱེ་བ་ཐག་ཆོད་ཆོག་གི་རེད། གང་ཡིན་ཟེར་ན། སྐྱེ་བ་བཟང་ངན་ཟེར་བ་དེ་ལས་བཟང་ངན་ལ་རག་ལས་པ་རེད་བ། ཚེ་འདི་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་རོགས་བྱས་ན་དེ་ནས་བཟུང་བདེ་འགྲོ་ནས་བདེ་འགྲོར་སྐྱེས་ཏེ་མཐར་སངས་རྒྱས་ཀྱི་གོ་འཕང་ཐོབ་ངེས་རེད། བྱང་ཆུབ་སེམས་པ་དེ་ཚོ་སྐྱེ་བ་ལ་རང་དབང་ཡོད་པ་དང་། ཡང་ན་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་ཀྱིས་བདེ་ནས་བདེ་བར་འགྲོ་བ་ཡིན་པ་སྨོས་མ་དགོས་པ་རེད། སྤྱོད་འཇུག་ལས། བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱུ་ལུག་འགྱུར། ཞེས་གསུངས་ཡོད་རེད།