ལུས་རྟེན་རྣམ་པ། ཆོས་སྒྲུབ།

དལ་འབྱོར་མི་ལུས་ནི་ཆོས་སྒྲུབ་ཡ་ཡི་ལུས་རྟེན་ཡག་ཤོས་ཡིན་པའི་གསུངས་པ་ཡོད།
འོན་ཀྱང་། ལྷའི་རིགས་ལ་ཉོན་མོངས་པ་མི་ལས་ཉུང་བ་ཡོད་ཙང་། ལྷའི་ལུས་རྟེན་རིགས་ཁ་ཤས་ནི་ཆོས་ཡག་པོ་སྒྲུབ་པའི་མཐུན་རྐྱེན་ཞིག་ཏུ་རྩི་ཆོག་གམ།

མི་ཁོམ་པ་བརྒྱད་ནང་དུ། ལྷ་ཚེ་རིང་པོ་ལ་སྐྱེ་བ་ཞེས་པ་སྟེ། ལྷ་ཚེ་རིང་པོ་མ་ཡིན་པའི་ལྷའི་རིགས་གཞན་ཆོས་སྒྲུབ་སྲིད་དམ།

1 Like

དལ་འབྱོར་གྱི་མི་ལུས་དེ་ཆོས་དེ་ཆོས་སྒྲུབ་ཡ་ཡི་རྟེན་ཡག་ཤོས་རེད། འགྲོ་བ་གཞན་གྱི་རྟེན་ལ་དམ་པའི་ཆོས་སྒྲུབ་ཡ་མེད་པ་མིན། ལྷ་ཡི་རིགས་ལ་རྣམ་གཡེང་ཤུགས་ཆེན་པོ་ཡོད་པས་ཆོས་སྒྲུབ་ཡ་ཡི་བསམ་བློ་འཁོར་དཀའ། བྱས་ཙང་ལྷ་ཚེ་རིང་པོ་ཟེར་ན་ལྷ་དང་། དེའི་རྟེན་ལ་སྡུག་བསྔལ་ཉུང་བས་ངེས་འབྱུང་སྐྱེ་དཀའ། ངེས་འབྱུང་མེད་ན་དམ་པའི་ཆོས་ཡང་དག་པ་ཞིག་སྒྲུབ་རྒྱུ་དཀའ་ལས་ཁག་པོ་རེད། བྱས་ཙང་། འགྲོ་བ་མི་ལ་སྡུག་བསྔལ་ཡོད་ཀྱང་ངན་སོང་ནང་བཞིན་མེད་པ་དང་། བདེ་བ་ཡོད་ཀྱང་ལྷ་ནང་བཞིན་གྱི་བདེ་བ་ཡང་མེད་པས་གཡེང་བ་ཉུང་བ་དང་། ཤེས་རབ་རྣོ་བས་དམ་པའི་ཆོས་སྒྲུབ་ཡ་ཡི་ལུས་རྟེན་ནི་མིའི་ལུས་དེ་ཡག་ཤོས་དང་བཟང་ཤོས་རེད།