རྟེན་ཅིང་འབྲེལ་བར་འབྱུང་བའི་ཚིགས་སུ་བཅད་པ།

མདོ་ལས། ཆོས་གང་རྒྱུ་བྱུང་དེ་དག་གི། རྒྱུ་དང་དེ་འགོག་གང་ཡིན་པའང་། དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། ཅེས་གསུངས་པ་ལྟར། དེ་དག་ཅེས་བྱ་བ་ནི་གང་ཡིན། དེ་ལ་ཆོས་སང་རྒྱུ་ཡིན་ནམ། གཞན་ཡང་། གང་ཡིན་པའང་ཞེས་བྱ་བ་ནི་ཅི་ཞིག་ཡིན། ཚིགས་བཅད་འདིའི་དོན་གྱི་འགྲེལ་བཤད་གནང་རོགས། ཐུགས་རྗེ་ཆེ།

འཁོར་བའི་ཆོས་སམ། ཡང་ན་སྡུག་བསྔལ་གྱི་ཆོས་གང་ཡིན་པ་དེ། རྒྱུ་ལས་དང་ཉོན་མོངས་པ་ལས་བྱུང་བ་ཡིན། སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་གཉིས་དང་། སྡུག་བསྔལ་དེ་འགོག་པའི་ཐར་པ་དང་། འགོག་པ་དེ་ཐོབ་པའི་ཐོབ་པའི་རྒྱུ་ཡང་དེ་བཞིན་གཤེགས་པའམ། དགེ་སྦྱོང་ཆེན་པོ་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་ཞེས་པའོ། །

དེ་དག་ཅེས་པ་ནི་སྡུག་བསྔལ་ཐམས་ཅད་ལ་གོ་ན་འགྲིག། དེ་འགོག་གང་ཡིནཔའང་ཞེས་པ་ནི། སྡུག་བསྔལ་དང་དེའི་རྒྱུ་མ་ཟད། སྡུག་བསྔལ་འགོག་པའི་རྒྱུ་ཡང་གསུངས་ཞེས་པའི་དོན་ཡིན། ཚིག་འདིའི་བསྟན་བྱ་གཙོ་བོ་ནི་བདེན་པ་བཞི་ཡིན།