ཙབ་ཙོབ་བྱ་བས་མཐའ་གཞུག་མི་**འཁྱོངས**

འོན་ཏེ་ངང་བསྲིང་དལ་གྱིས་དགོས་ཀྱི། །
ཙབ་ཙོབ་བྱ་བས་མཐའ་གཞུག་མི་འཁྱོངས། །
སྙིང་གི་དམ་བཅའ་སྙིང་ལ་བྲིས་ན། །
རང་སེམས་རང་དབང་ཆེ་བ་ལགས་མོད། །

འཁྱོངས་དང་མོད་གཉིས་ཀྱི་བེད་སྤྱོད་གཏོང་སྟངས་འགྲེལ་བཤད་རྒྱག་རོགས་གནང་།

འཁྱོངས་ནི། འབད་བརྩོན་ཡུན་རིང་པོར་བྱས་པའི་དོན་ཡིན། ཉི་མ་གཉིས་གསུམ་ཙམ་གྱི་རིང་ལ་སློབ་སྦྱོང་བྱས། དེ་ནས་བཞག་པ་མིན་པར་མུ་མཐུད་ནས་སློབ་སྦྱོང་བྱས་ནས་མཐར་ཕྱིན་པ་ལ་སློབ་གཉེར་མཐའ་ལ་འཁྱོངས་ཟེར།

མོད་ནི། ཉི་མ་མཐོང་བའི་མོད་ལ་འུག་པ་ལོང་བར་འགྱུར། ཟེར་ན་ཉི་མ་མཐོང་མ་ཐག་ལ་འུག་པ་ལོང་ཟེར་བ་དེ་མ་ཐག་ལ་གོ། བོད་ལ་འབྲས་ལས་རྩམ་པ་མོད། ཟེར་ན་མོད་ནི་མང་བ་ལ་གོ། བོད་པ་ཡིན་མོད། བོད་སྐད་མི་ཤེས་ཟེར་ན་མི་མཐུན་པའི་ཚིེ་རྒྱན་ལ་འང་འཇུག །