འབུ་སྲིན་བཤན་ཁང་

བརྩེགས་པའི་མཁར་ལ་སྙིང་པོ་མི་འདུག །
ཕན་པར་སེམས་ཀྱང་སྲོག་གཅོད་རྦབ་རྒོད། །
རྨོས་པའི་ཞིང་ལ་སྙིང་པོ་མི་འདུག །
བཟང་པོར་བརྩི་ཡང་འབུ་སྲིན་བཤན་ཁང་། །

གལ་ཏེ་ལྗོན་ཤིང་ནང་ལ་འབུ་མང་པོ་འདུག
བྱས་ཙང་ལྗོན་ཤིང་སྒང་ལ་མེ་ཏོག་ཤི་བ་རེད།
ག་རེ་བྱེད་དགོས་རེད།
འབུ་གསོད་སྨན་བླུག་ལ་འབུ་ཤི་བ་རེད། མ་བླུག་ལ་མེ་ཏོག་དང་ལྗོན་ཤིང་ཤི་བ་རེད།

1 Like

འདི་ངོ་མ་དཀའ་ལས་ཁག་པོ་རེད། ང་ཚོའི་ཟ་ཡ་དང་གོན་ཡ་ཚང་མ་འདི་འདྲ་བྱས་ནས་ཡོང་དགོས་རེད་བ། ངས་བསམ་ན་ཐབས་ལམ་ཡག་ཤོས་དེ་འབུ་དེ་ཚོ་དང་པོ་མ་ཡོང་བའི་སྔོན་ནས་སྨན་གཏོར་ཡ་དེ་འདྲ་བྱས་ན་འབུ་བསད་མི་དགོས་པར་ལོ་ཐོག་དང་མེ་ཏོག་དེ་ཚོ་ཡག་པོ་སྐྱེ་ཐུབ་པ་དེ་འདྲ་ཡོང་གི་རེད་བ།