སྙིང་པོ་མེད་པ་འཁོར་བའི་གནས་ལགས

མཛེས་ཀྱང་མི་རྟག་འཁོར་བའི་མཚན་ཉིད། །
འབྱོར་ཀྱང་མི་རྟག་སྒྱུ་མའི་ལོངས་སྤྱོད། །
སྤྱད་ཀྱང་མི་ངོམས་འདོད་ཡོན་བསླུ་བྲིད། །
སྙིང་པོ་མེད་པ་འཁོར་བའི་གནས་ལགས། །

སྙིང་པོ་མེད་པ་འཁོར་བའི་གནས་ལགས་།
ཚིག་གྲུབ་དེའི་དོན་དག་
འཁོར་བའི་གནས་ལ་སྙིང་པོ་མེད་ཟེར་བ་རེད་དམ།
དེ་ནས་ག་རེད་བྱས་ནས་ལགས་རེད་་མ་རེད།

སྙིང་པོ་མེད་པ་ནི་འཁོར་བའི་གནས་རེད། ཟེར་བ་དང་གཅིག་པ་རེད། འོན་ཏེ་ལགས་ནི་ཞེ་ས་འདྲ་བོ་རེད། ཁྱོད་རང་བོད་པ་ཡིན་ནམ། ཞེས་དྲིས་དུས། ཡིན་ལགས། ཟེར་བ་ལྟར་རེད།