བྱིས་པ།

བྱིས་པ་ལབ་ན་ལོ་ག་ཚོད་རེད།
བུ་ཆུང་བྱིས་པ་གཞོན་ནུ་ཉིད་དུ་འགྱུར། །དེ་ནས་དར་ལ་བབ་དང་དར་ཡོལ་དང་། །རྒས་པར་གྱུར་ཏེ་ལུས་འདི་རྟག་ན་ནི། །གནས་སྐབས་དེ་སྙེད་ཅིག་ནི་ཅིས་ཏེ་འགྱུར།
ཚེག་ཅོད་དེ་ནང་ལ་བུ་ཆུང་དང་བྱིས་པ་གཅིག་པ་རེད་པ།

བུ་ཆུང་ཟེར་ན་སྐྱེས་ནས་གོམ་སྤོ་ཐུབ་པའི་བར་བུ་ཆུང་། གོམ་པ་སྤོ་ཐུབ་པ་ནས་ལོ་བཅུ་གསུམ་བར་བྱིས་པ། ལོ་བཅུ་བཞི་ནས་ལོ་བཅོ་བརྒྱད་བར་གཞོན་ནུ། ལོ་བཅུ་དགུ་ནས་ལོ་ལྔ་བཅུ་བར་དར་མ། ལོ་ལྔ་བཅུ་ནས་ལོ་དྲུག་ཅུ་བར་དར་ཡོལ། ལོ་དྲུག་བཅུ་ཡས་རྒན་པོ་ཟེར་རོ།

1 Like