སྡུག་བསྔལ་ལམ་ཁྱེར།

སྡུག་བསྔལ་ལམ་ཁྱེར་ཡི་ཚིགས་བཅད་འདི་ལབ་ན་བཟོད་པ་སྒོམ་པའི་གོ་རིམ་མཐོ་ཤོས་རེད་པས།
གང་ཡིན་ཟེར་ན་ངས་བསམ་ན།
འདི་ལ་བདག་གཞན་མཉམ་བརྗེ་ཡང་སྒྲུབ་དགོས།
གཏོང་བ་ལ་བཟོད་པ་ཡང་སྒྲུབ་དགོས།
སྡུག་བསྔལ་དང་ལེན་ཡང་སྒྲུབ་དགོས།
མི་སྙན་པ་ལ་བཟོད་པ་ཡང་སྒྲུབ་དགོས།

བྱས་ཙང་འདི་ལབ་ན་སྔོན་མ་དེ་ཚོ་སྒྲུབ་མ་ཚར་ན།
སྡུག་བསྔལ་ལམ་ཁྱེར་དེ་ཡང་སྒྲུབ་ཐུབ་ཀྱི་མ་རེད།
དེ་འདྲ་རེད་པས།

བྱས་ཙང་བཟོད་པ་སྒོམ་པ་བྱེད་འདོད་ན།
རིམ་དང་གཉིས་བྱེད་དགོས་རེད་པས།

བཟོད་པ་སྒོམ་པའི་སྔ་ཕྱིའི་རིམ་པ་འགྲལ་བཤད་བྱེད་ན།
རིམ་པ་སོ་སོ་གང་དང་གང་རེད།

ཐུགས་རྗེ་ཆེ་གནང་།

རྒྱལ་སྲས་ལག་ལེན་སོ་བདུན་མའི་ནང་གི་བཟོད་པ་སྒོམ་པའི་སྐོར་དེ་ཚོ་གོ་རིམ་ངེས་ཅན་ཡིན་པའི་ངེས་པར་མེད། མི་སོ་སོ་ལ་ལས་སླ་ཤོས་ཀྱི་ཁྱད་པ་ཏན་ཏན་ཡོད་ཀྱི་རེད། གང་ཟག་རང་ཉིད་ལ་གང་སྒོམ་སླ་བ་དེ་སྔོན་ལ་བསམ་བློ་བཏང་ནས་ཁག་པོ་དེ་ཚོ་དེའི་རྗེས་སུ་ཉམས་ལེན་བྱས་ན་ཡག་ཤོས་དེ་རེད། དམིགས་བསལ་བདག་གཞན་མཉམ་བརྗེ་ཡི་སྐོར་དེ་ཁག་པོ་རེད་ལ། སྤྱོད་འཇུག་ལས་བདག་གཞན་མཉམ་བརྗེ་ཡི་སྐོར་དེ་བློ་དམན་པ་དེ་ཚོ་ལ་གསང་བ་བྱེད་དགོས་པ་ཡང་གསུངས་ཡོད།