མཆོག་ཏུ་ཟབ་པ་[གཉིས་/ཉིད་]བརྙེས་པ།

མཆོག་ཏུ་ཟབ་པ་[གཉིས་/ཉིད་]བརྙེས་པ།

དག་ཆ་འདི་དག་གི་གང་ཚད་མ་ཡིན་ནམ། ལུང་རིག་གང་རུང་ལ་བརྟེན་པའི་རྒྱུ་མཚན་ཕྲིས།

ཉིད་ཡིན་ས་རེད། རྒྱུ་མཚན་དམིགས་གསལ་བཤད་རྒྱུ་མེད།

1 Like

སྤྱིར་ན་ཚིག་འདིའི་གོང་དུ་ག་རེ་ཡོད་མེད་བལྟས་ན་གཉིས་དང་ཉིད་གང་ཡིན་ཕལ་ཆེར་ཤེས་རྒྱུ་རེད་བསམ། འོན་ཀྱང་། ཁ་ཐུག་གི་བསམ་ཚོད་ལ་ཉིད་ཡིན་ནམ་སྙམ། རྒྱུ་མཚན། མཆོག་ཏུ་ཟབ་པ་མདོ་ལུགས་ལ་སྟོང་པ་ཉིད་དམ། ཡང་དག་པའི་མཐའ། ཞི་བ་མྱང་འདས་སོགས་ལ་འཇུག་པ་རེད།