འགྲོ་བ།

འགྲོ་བ་ཟེར་ཡ་དེ། ལེགས་སྦྱར་སྐད་ཀྱི་ཚིག་ནས་བྱུང་གི་ཡོད་དམ།

གཙོ་བོར་འཁོར་བ་ནང་ནས་འཁྱམ་འགྲོ་ལ་གོ་དགོས་རེད་དམ།

བླ་མ་གཅིག་གིས་ཀྱང་ལུས་ངག་ཡིད་གསུམ་གྱི་བྱ་བ་རྒྱུན་ཆད་མེད་པར་འགྲོ་དེའི་ཐོག་ནས་འགྲེལ་བཤད་གནང་སོང་།

མདོ་དང་འགྲེལ་བ་ནང་དུ། ཚིག་འདིའི་འབྱུང་ཁུངས་དང་ཚིག་འགྲེལ་ཡོད་དམ།

1 Like

མདོ་འགྲེལ་གང་ལས་ཡོད་མེད་མི་ཤེས། ཡིན་ཡང་འགྲོ་ལབ་ན། རྒྱུ་བ། བཞུད་པ། འགྲུལ་པ། འཆག་པ། བཏེག་པ། ཐོན་པ་འདི་ཚོ་དོན་འདྲ་བོ་རེད། དོན་གཙོ་བོ་ནི་རྒྱུན་མ་ཆད་པ་གཞན་དུ་འགྱུར་བའི་དོན་རེད།