སྒྲུབ། སྒོམ།

སྒྲུབ་དང་སྒོམ། བྱ་ཚིག་འདི་ཚོའི་བེད་སྤྱོད་གཏོང་སྟངས་ཁྱད་པར་གང་ཡོད་དམ།

དཔེར་ན།

ཆོས། ་་་་་་་་་་་་་་་་་་་་་་ སྒྲུབ། སྒོམ།
ཡི་དམ། ་་་་་་་་་་་་་་་་་ སྒྲུབ། སྒོམ།
བསམ་གཏན། ་་་་་་་ སྒྲུབ། སྒོམ།
བཟོད་པ། ་་་་་་་་་་་་་་ སྒྲུབ། སྒོམ།
སྙིང་རྗེ། ་་་་་་་་་་་་་་་་་ སྒྲུབ། སྒོམ།

བྱ་བ་འདི་ཚོ་ལབ་ཀྱི་ཡོད་དུས། བྱ་ཚིག་གཉིས་ཀ་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད་དམ། ཕན་ཚུན་བར་ཁྱད་པར་གང་ཡོད་དམ།

1 Like

སྒྲུབ་ལབ་ན་རང་གིས་གསར་དུ་རང་རྒྱུད་ལ་སྐྱེ་བ་བྱེད་པ་དང་། ཉམས་ལེན་བྱེད་པ་དེ་ཚོ་ལ་གོ། སྒོམ་ལབ་ན་རང་གི་རྒྱུད་ལ་དངོས་སམ་རྗེས་མཐུན་ཞིག་ཡོད་པ་དེ་གོམས་པར་བྱེད་པ་ཟེར།
ཆོས། ་་་་་་་་་་་་་་་་་་་་་་ སྒྲུབ།
ཡི་དམ། ་་་་་་་་་་་་་་་་་ སྒྲུབ། སྒོམ།
བསམ་གཏན། ་་་་་་་ སྒྲུབ། སྒོམ།
བཟོད་པ། ་་་་་་་་་་་་་་ སྒྲུབ། སྒོམ།
སྙིང་རྗེ། ་་་་་་་་་་་་་་་་་ སྒྲུབ། སྒོམ།
གོ་བ་ཏོག་ཚམ་མ་འདྲ་བ་ཡིན་ཡང་གོང་གི་དེ་གཉིས་ཀ་ལབ་ཆོག་གི་རེད་སྙམ།