ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ

ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྐོར་ལ་འགྲལ་བཤད་ཁ་ཤས་བྱེད་རོགས་གནང། ང་ཚོའི་མི་ཚེ་ནང་ལ་དཔེ་ཁ་ཤས་འཇོག་རོགས་གནང།

1 Like

ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལབ་ན། ལས་དང་ཉོན་མོངས་ཀྱི་དབང་གིས་བྱུང་བའི་ང་ཚོའི་གཟུགས་པོ་འདི་རེད། མི་ཚེ་འདིའི་ནང་གི་གཟུགས་ལང་ཚོ། ཐོབ་གོ་ས། མཚན་སྙན་གྲགས། རྒྱུ་ནོར་ལོངས་སྤྱོད། འདི་ཚོ་ཚང་མ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་རེད། འདི་ཚོ་ལ་བརྟེན་ནས་ང་ཚོ་ལ་སྡུག་བསྔལ་ཚང་མ་ཡོང་གི་ཡོད་རེད་བ།