དལ་འབྱོར་ལུས་ཞེས་བཏགས་ཀྱང་**ཆོག་གི**

རང་སེམས་བསམ་བློ་ཆོས་ལ་བཀོལ་ན། །
དལ་འབྱོར་ལུས་ཞེས་བཏགས་ཀྱང་ཆོག་གི། །
སྨྲ་ཤེས་དོན་གོ་སྡིག་སྤྱོད་སྒྲུབ་པའི། །
རྐང་གཉིས་གཞན་ལ་ཡིད་སྨོན་མ་དགོས། །

བཀོལ་གྱི་དོན་དག་དང་བེད་སྤྱོད་གཏོང་སྟངས་ག་རེ་རེད། བཀོལ་དང་འདྲ་པོའི་ཚིག་གཞན་པ་ག་རེ་རེད།
ཆོག་གི་བེད་སྤྱོད་གཏོང་སྟངས་འགྲེལ་བཤད་རྒྱག་རོགས་གནང་།

བཀོལ་ནི་བེད་སྤྱོད་གཏོང་བའི་དོན། དུད་འགྲོ་བཀོལ་སྤྱོད་ཀྱི་སྡུག་བསྔལ་མྱོང་།
ཆོག་ནི་འགྲིག་པའི་དོན་རེད། ཁྱོད་རང་གིས་ངའི་སྦག་སྦག་(བཀོལ་སྤྱོད)བེད་སྤྱོད་གཏོང་ཆོག་གི་རེད།
ལག་ཁྱེར་མེད་ན་ཕྱི་རྒྱལ་ལ་འགྲོ་ཆོག་གི་མ་རེད།
བཀོལ་སྤྱོད་ཁ་སྐད་ལ་བེད་སྤྱོད་མི་གཏོང་།

བཀོལ་ཞེས་པ་ནི། བེད་སྤྱོད་བྱས་པའི་དོན་ནམ། ཡང་ན་བེད་སྤྱོད་བྱེད་དུ་བཅུག་པའི་དོན་ཏེ། དཔེར་ན། མི་ཞིག་བཀོལ་ནས་ཡི་གེ་བསླབ་ཏུ་བཅུག དེབ་ཅིག་བཀོལ་ནས་ཡི་གེ་སྦྱང་དུ་བཅུག ཁྱི་བཀོལ་ནས་རྐུན་མ་བསྲུང་དུ་བཅུག