གཡོ་སྐོལ་མ་བྱས

གེ་སར་ཟིལ་མངར་གཡོ་སྐོལ་མ་བྱས། །
རོ་བརྒྱའི་བཏུང་བ་འཆི་མེད་བདུད་རྩི། །
བདེ་སྐྱིད་དཔལ་འདི་འབད་པས་མ་ཡིན། །
ཤུགས་ཀྱིས་གྲུབ་པ་སྔོན་བསགས་བསོད་ནམས། །

གཡོ་སྐོལ་མ་བྱས་ཀྱི་དོན་དག་ག་རེ་རེད། རང་བྱུང་གི་དོན་གཅིག་པ་རེད་པས།
ཤུགས་ཀྱིས་གྲུབ་པའི་དོན་དག་ག་རེ་རེད།

གཡོ་ནི་སྤྱིར་ནི་འགུལ་བའི་དོན་རེད། སྐབས་འདིར་ཟ་མ་བཟོ་བའི་དོན་དང་། སྐོལ་ནི་ཆུ་སྐོལ་ལྟ་བུ་ཚ་བོ་དང་ཆུ་སོགས་ཁོལ་མ་བཟོ་བའི་དོན་རེད།
ཤུགས་ནི་ཞོར་ལ་འགྲུབ་ཅེས་པའི་དོན་རེད།