གྲངས་བཞིན་བསྐལ་པར

གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ་།
གལ་ཏེ་ངན་སེམས་བསྐྱེད་པར་བྱེད་པ་དེ།
ངན་སེམས་བསྐྱེད་པའི་**གྲངས་བཞིན་བསྐལ་པར་**ནི།
དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས།

གྲངས་བཞིན་བསྐལ་པར བཞིན་དེ་དུས་ཡུན་ག་ཚོད་རེད།
རྒྱལ་སྲས་ལ་ངན་སེམས་བསྐྱེད་གི་རྗེས་འབྲས་དང་
མི་ཐ་མལ་པ་ལ་ངན་སེམས་བསྐྱེད་གི་རྗེས་འབྲས་གཉིས་ཀ་ཁྱད་པར་ག་རེ་རེད།

རྒྱལ་སྲས་བྱང་ཆུབ་སེམས་པ་ལ་ངན་སེམས་སྐད་གཅིག་མ་གཅིག་སྐྱེས་ན་བསྐལ་པ་གཅིག་དམྱལ་བར་གནས་དགོས་གསུངས། བསྐལ་པ་ལབ་ན་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་རིང་ལ་ཟེར། མི་ལོ་འབུམ་མང་པོ་རིང་རེད།
རྒྱལ་སྲས་བྱང་ཆུབ་སེམས་པ་ལ་ཁྲོ་བ་དང་། མི་ཐ་མ་པ་ཞིག་ལ་ཁྲོ་གཉིས་ཉེས་པ་ཆེ་ཆུང་དཔེ་ཆེན་པོ་ཡོད་རེད། གང་ཡིན་ཁོང་གཉིས་བསམ་པ་རྒྱ་ཆེ་ཆུང་གི་ཁྱད་པ་ཡོད་རེད་བ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་བསམ་བློ་གཏོང་གི་ཡིད་རེད། མི་ཐ་མ་པ་ཞིག་གིས་རང་ཉིད་གཅིག་པུ་མ་གཏོགས་བསམ་བློ་གཏོང་གི་ཡོད་མ་རེད། འོ་དེས་རེད།