སྐྱེ་བོ**ས**་བཀུར

འགྲོ་བ་ཉུང་ཟད་ནར་མའི་ཟས་སྦྱོར་བ།
སྐད་ཅིག་ཟས་ཙམ་སྦྱིན་པར་བྱེད་པ་དང།
བརྙས་བཅས་ཉིན་ཕྱེད་འགྲངས་པར་བྱེད་པ་ཡང།
དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོ་བཀུར།

ནང་མའི་ཟས་ཀྱི་དོན་དག་ག་རེ་རེད།

བརྙས་བཅས་ཀྱི་དོན་དག་ག་རེ་རེད།

སྐྱེ་བོ་བཀུར་ ག་རེ་བྱས་ནས་ས་རེད།
སྐྱེ་བོ་ལ་བཀུར་འགྲིགས་ཀྱི་རེད་པས།

1 Like

ནར་མའི་ཟས་----ཟས་དཀྱུས་མ། ཟས་ཕལ་པ།
བརྙས་བཅས— བརྙས་པ་དང་བཅས་པ་
སྐྱེ་བོ ་བཀུར་ ག་རེ་བྱས་ནས་ས་རེད། – ~ས་ བྱེད་སྒྲ་རེད།

1 Like

འགྲོ་བ་མི་ཉུང་ངུ་ཞིག་ལ་ནར་མའི་ཟས་ཁ་ལག་དཀྱུས་མ་ཞིག་སྦྱིན་པ། དེ་ཡང་ཐང་ཆུང་དང་། བརྙས་བཅོས་བྱས་ནས་སྦྱིན་པ་དེས་ཉི་མ་ཕྱེད་ཀ་གྲོད་ཁོག་རྒྱག་ན་དེ་ཡང་དཔེ་ཡག་པོ་རེད་ཟེར་ནས་སྐྱེ་བོ་སྟེ་མི་མང་པོ་ཞིག་གིས་བསྔགས་བརྗོད་བྱེད་ཀྱི་ཡོད་རེད་ཟེར་བ་རེད། སྐྱེ་བོས་ཟེར་ནས་རྗེས་འཇུག་ས་བྲིས་པ་དེས་བཀུར་བ་བྱེད་མཁན་བྱེད་པ་པོ་བསྟན་པ་རེད།