བསོད་ནམས་དེ་འདྲའང་ག་ལ་ཡོད

གཏི་མུག་ཀྱང་ནི་སེལ་བྱེད་པ། དེ་དང་དགེ་མཚུངས་ག་ལ་ཡོད། དེ་འདྲའི་བཤེས་ཀྱང་ག་ལ་ཡོད། བསོད་ནམས་དེ་འདྲའང་ག་ལ་ཡོད

ག་རེ་བྱས་ནས་འདྲའང་རེད། བསོད་ནམས་དེ་འདྲ་ག་ལ་ཡོད་འགྲིག་གི་རེ་པས།

འང་ = ཀྱང་= ཡང་
“འདྲ”་ལ་རྗེས་འཇུག་ཡོད་མ་རེད། བྱས་ཙང་“འང་”

དེ་འདྲ་འང་ལབ་དགོས་རེད། གང་ཡིན་ཟེར་ན། འང་དེས་དགེ་བ་དང་། བཤེས་གཉིས་ཀྱང་ཡོད་རེད་ཟེར་བསྡུད་པ་རེད། ཀྱང་ཡང་འང་འབྱེད་དང་། སྡུད་པ་ལ་འབྱུང་གི་ཡོད་བ། བྱས་ཙང་འདི་སྡུད་པ་འཇུག་པའི་དཔེ་རེད།