མངོན་པར་རྒྱུག

སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག། བདེ་བ་འདོད་ཀྱང་གཏི་མུག་པས། རང་གི་བདེ་བ་དགྲ་ལྟར་འཇོམས།

མངོན་པར་རྒྱུག་གི་དོན་དག་ག་རེ་རེད།

སྡུག་བསྔལ་མི་འདོད་ནའང་། མི་ཤེས་རྨོངས་པས་དབང་གིས་སྡུག་བསྔལ་ཡོང་ཡ་ཡི་རྒྱུ་སྒྲུབ་པ་ལ། མངོན་པར་རྒྱུག་ཟེར།